འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བཞི་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཉིས་དང་ཁྲི་དགུ་སྟོང་གཅིག་བརྒྱ་མེད་བཅུར་བསླེབ་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེའི་རིམས་ནད་ཀྱི་གནས་ཚུལ་སྙན་ཞུ་བྱས་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་བཞི་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཉིས་བར། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཉིན་གཅིག་ལ་འཕར་སྣོན་བྱུང་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་གསུམ་དང་སྟོང་དགུ་དྲུག་བརྒྱ་གྱ་གཅིག་ཡིན་པ་དང་། བསྡོམས་པས་འབུམ་གཉིས་དང་ཁྲི་དགུ་སྟོང་གཅིག་བརྒྱ་མེད་བཅུར་བསླེབ་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གཅིག་དང་བདུན་བརྒྱ་བཅོ་ལྔ་ཇེ་མང་དུ་སོང་ཡོད་ལ། བསྡོམས་པས་ཁྲི་གཅིག་དང་སྟོང་གཉིས་དགུ་བརྒྱ་ཞེ་བརྒྱད་དུ་བསླེབ་ཡོད་ཟེར།
འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་གསུམ་དང་སྟོང་དགུ་བརྒྱད་བརྒྱ་ཉེར་བདུན་འཕར་ཡོད་ལ། བསྡོམས་པས་འབུམ་གསུམ་དང་ཁྲི་བདུན་སྟོང་གཉིས་བདུན་བརྒྱ་ང་བདུན་དུ་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གཅིག་དང་བདུན་བརྒྱ་ཉེར་གཉིས་འཕར་ནས། བསྡོམས་པས་ཁྲི་གཅིག་དང་སྟོང་དྲུག་ཉིས་བརྒྱ་སོ་གཅིག་ཏུ་བསླེབ་ཡོད་ཟེར།
འདས་པའི་དུས་ཚོད་ཉེར་བཞིའི་རིང་ལ། འབར་མ་དང་། པའོ་ལེ་ཙི། ཏའོ་སྨི་ནི་ཀཱ། ཐི་ཁི་སི་དང་ཁའེ་ཁི་སི་གླིང་ཚོམས་བཅས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཐོག་མ་བྱུང་བ་སྙན་ཞུ་བྱས།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།