ཀྲུང་གོ་ལས་གཞན་པའི་པྲོག་གསར་གློག་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་འབུམ་བརྒྱད་དང་ཁྲི་གཅིག་སྟོང་གསུམ་དང་བདུན་བརྒྱ་ཉེར་དྲུག་ལ་སླེབས།
2020.04.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་བཞི་བའི་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་པའི་གྲངས་ཀ་ལྟར་ན། ཀྲུང་གོ་ལས་གཞན་པའི་པྲོག་གསར་གློག་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་འབུམ་བརྒྱད་དང་ཁྲི་གཅིག་སྟོང་གསུམ་དང་བདུན་བརྒྱ་ཉེར་དྲུག་ལ་སླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེར་རིམས་ནད་བྱུང་བའི་གནས་ཚུལ་བསྒྲགས་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས་གཉིས་དང་སྐར་མ་བཅུའི་བར་ཀྲུང་གོ་ལས་གཞན་པའི་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་སྔ་ཉིན་དང་བསྡུར་ན་ཁྲི་བདུན་དང་སྟོང་གཉིས་བདུན་བརྒྱ་ཞེ་དྲུག་ཇེ་མང་དུ་སོང་ཞིང་བསྡོམས་པས་ནད་པ་འབུམ་བརྒྱད་དང་ཁྲི་གཅིག་སྟོང་གསུམ་དང་བདུན་བརྒྱ་ཉེར་དྲུག་ལ་སླེབས། ཀྲུང་གོ་ལས་གཞན་པའི་རྒྱལ་ཁབ་ཏུ་རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་དང་བསྡུར་ན་སྟོང་བཞི་དང་དགུ་བརྒྱ་བཅོ་བརྒྱད་ཇེ་མང་དུ་སོང་བ་དང་བསྡོམས་པས་ནད་པའི་ཤི་གྲངས་ཁྲི་བཞི་དང་སྟོང་གཉིས་བརྒྱ་དང་གོ་དགུ་ལ་སླེབས།

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་སྔ་ཉིན་དང་བསྡུར་ན་ཁྲི་བདུན་དང་སྟོང་གཉིས་བརྒྱད་བརྒྱ་སོ་དགུ་ཇེ་མང་དུ་སོང་ཞིང་བསྡོམས་པས་ནད་པ་འབུམ་བརྒྱད་དང་ཁྲི་གཅིག་སྟོང་གསུམ་དང་བདུན་བརྒྱ་ཉེར་དྲུག་ལ་སླེབས། ཀྲུང་གོ་ལས་གཞན་པའི་རྒྱལ་ཁབ་ཏུ་ནད་པ་རྐྱེན་ལམ་དུ་ཤོར་བའི་གྲངས་ཀ་སྔ་ཉིན་དང་བསྡུར་ན་སྟོང་བཞི་དང་དགུ་བརྒྱ་བཅོ་བརྒྱད་ཇེ་མང་དུ་སོང་བ་དང་བསྡོམས་པས་ནད་པའི་ཤི་གྲངས་ཁྲི་བཞི་དང་སྟོང་ལྔ་ལྔ་བརྒྱ་ཉེར་དྲུག་ལ་སླེབས།