འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ས་ཡ་གཅིག་ལས་བརྒལ།
2020.04.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་གཉིས་ཉིན་གྱི་དུས་ཚོད་བཅུའི་བར། འཛམ་གླིང་ཡོངས་སུ་ཉིན་གཅིག་རིང་བྱུང་བའི་ནད་པའི་ཁ་གྲངས་དེ་སྔ་ཉིན་ལས་སྟོང་བདུན་དང་སྟོང་གཉིས་བརྒྱད་བརྒྱ་སོ་དགུ་ཡིན་པ་དང་། བསྡོམས་པས་ནད་པ་འབུམ་བརྒྱད་དང་ཁྲི་དགུ་སྟོང་དྲུག་བཞི་བརྒྱ་ལྔ་བཅུར་བསླེབ་ཡོད། ཉིན་གཅིག་རིང་རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བཞི་དང་དགུ་བརྒྱ་ཉེར་བཞི་འཕར་ནས་ཁྲི་བཞི་དང་སྟོང་ལྔ་ལྔ་བརྒྱ་ཉེར་དྲུག་ཏུ་བསླེབ་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྔ་ཉིན་ལས་ཁྲི་བདུན་དང་སྟོང་གཉིས་བདུན་བརྒྱ་ཞེ་དྲུག་འཕར་ནས། བསྡོམས་པས་འབུམ་བརྒྱ་དང་ཁྲི་གཅིག་སྟོང་གསུམ་བདུན་བརྒྱ་ཉེར་དྲུག་ཏུ་བསླེབ་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བཞི་དང་དགུ་བརྒྱ་བཅོ་བརྒྱད་འཕར་ནས། བསྡོམས་པས་ཁྲི་བཞི་དང་སྟོང་གཉིས་བརྒྱ་དང་གོ་དགུར་བསླེབ་ཡོད་ཟེར། 

ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་བར། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་དང་སྟོང་གཉིས་བརྒྱ་དང་ང་དགུར་བསླེབ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་ལྔ་དང་སྟོང་གཅིག་བཞི་བརྒྱ་གྱ་ལྔར་བསླེབ་ཡོད། ཨ་མེ་རི་ཁའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཉིས་དང་ཁྲི་གསུམ་སྟོང་དྲུག་སུམ་བརྒྱ་སོ་དགུར་བསླེབ་ཡོད་ལ། མིག་སྔར་ནད་པ་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྟོང་ལྔ་དང་དྲུག་བརྒྱ་ཞེ་བརྒྱད་དུ་བསླེབ་ཡོད།




ཡིག་བསྒྱུར་བ། བསོད་ནམས་ཚེ་རིང་།