ཨ་མེ་རི་ཁའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གསུམ་ལས་བརྒལ།
2020.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་བཞིའི་ཉིན་སྤེལ་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་བསྡོམས་རྩིས་གཞི་གྲངས་གསར་བ་ལྟར་ན། ཨ་མེ་རི་ཁའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གསུམ་ལས་བརྒལ། མིག་སྔར་ཨ་མེ་རི་ཁ་ནི་འཛམ་གླིང་ཡོངས་སུ་ནད་པའི་ཁ་གྲངས་ཆེས་མང་བའི་རྒྱལ་ཁབ་རེད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ས་ཁུལ་གྱི་དུས་ཚོད་ཚེས་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ལྔ་བཅུའི་བར། ཨ་མེ་རི་ཁའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གསུམ་དང་དགུ་བརྒྱ་བཅོ་ལྔར་འཕར་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྟོང་བརྒྱད་དང་བརྒྱ་དང་རེ་གཉིས་ལ་བསླེབ་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཉིག་ཡའོ་ནི་རིམས་ནད་ཆེས་ཚབས་ཆེ་བའི་ས་ཁུལ་ཡིན་པ་དང་། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་གཅིག་སྟོང་གསུམ་བརྒྱད་བརྒྱ་དྲུག་ཏུ་བསླེབ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྟོང་གསུམ་དང་ལྔ་བརྒྱ་རེ་ལྔར་བསླེབ་ཡོད། ནད་པའི་ཁ་གྲངས་ཁྲི་གཅིག་ལས་བརྒལ་བའི་ཀྲིག་ལ་ཞིན་ཙི་ཞི་ཀྲིག་དང་། མུས་ཞེ་ཀིན་ཀྲིག ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག ལུའུ་དབྱེ་སི་ཨན་ནཱ་ཀྲིག ཧྥོ་ལོ་ལི་ཏཱ་ཀྲིག མཱ་སཱ་ཀྲུའུ་སེ་ཀྲིག པེན་ཞི་ཧྥ་ནེ་ཡཱ་ཀྲིག་བཅས་ཡོད། 

གཞི་གྲངས་འདི་དག་ནི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་ཞིབ་འཇུག་ལས་གཞིས་སྤྱི་བསྡོམས་བྱས་པའི་ཨ་མེ་རི་ཁའི་ཀྲིག་སོ་སོའི་གཞི་གྲངས་ལས་ཐོན་པ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།