འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་གྲངས་ཀ་ས་ཡ་གཅིག་དང་འབུམ་ལྔ་ལས་བརྒལ། 
2020.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་བརྒྱད་ཉིན་སྤེལ་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་དང་འབུམ་ལྔ་ལས་བརྒལ་ཡོད། 

གཞི་གྲངས་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་ཕྱེད་ཀའི་བར། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་དང་འབུམ་ལྔ་བརྒྱད་བརྒྱ་སུམ་ཅུར་བསླེབ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་བརྒྱད་དང་སྟོང་བདུན་བདུན་བརྒྱ་དྲུག་ཡིན། 

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་ནི་མིག་སྔར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། བསྡོམས་པས་ནད་པ་འབུམ་བཞི་དང་ཁྲི་གཉིས་སྟོང་གསུམ་བརྒྱ་དང་སོ་ལྔར་བསླེབ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཅིག་དང་སྟོང་བཞི་སུམ་བརྒྱ་དགུ་བཅུར་བསླེབ་ཡོད། དབྱེ་ཐཱ་ལེ་ནི་མིག་སྔར་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཆེས་མང་བའི་རྒྱལ་ཁབ་ཡིན། དབྱེ་ཐཱ་ལེའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་གཅིག་དང་སྟོང་བདུན་དྲུག་བརྒྱ་རེ་དགུར་བསླེབ་ཡོད། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་གསུམ་སྟོང་དགུ་བཞི་བརྒྱ་ཉེར་གཉིས་ཡིན། སི་ཕན་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་བཞི་སྟོང་དྲུག་དྲུག་བརྒྱ་དགུ་བཅུར་བསླེབ་ཡོད་ལ། ནད་པ་ཁྲི་གཅིག་དང་སྟོང་བཞི་དྲུག་བརྒྱ་དོན་གསུམ་རྐྱེན་ལམ་དུ་ཤོར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་ཡན་དུ་བསླེབ་པའི་རྒྱལ་ཁབ་ལ་ད་རུང་ཧྥ་རན་སི་དང་འཇར་མན་ཡང་འདུས། 

གཞི་གྲངས་འདི་དག་ནི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཞིབ་འཇུག་ལས་གཞིས་བསྡོམས་རྩིས་བྱས་པའི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་གཞི་གྲངས་ལས་ཐོན་པ་ཡིན། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།