རྒྱ་གར་དུ་པྲོག་གསར་རིམས་ནད་ཕོག་པའི་ནད་པ་བདུན་བརྒྱ་རེ་བརྒྱད་ཀྱིས་ཇེ་མང་དུ་སོང་།
2020.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན། རྒྱ་གར་འཕྲོད་བསྟེན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ལྟར་ན། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ལྔའི་བར་རྒྱ་གར་དུ་རིམས་ནད་ཕོག་པའི་ནད་པ་གསར་པ768ཡིས་མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ཁྱོན་བསྡོམས་རིམས་ནད་འགོས་པའི་ནད་པ7529ལ་འཕར། རིམ་རྩིས་བྱས་ན་ནད་པ653སངས་དྲག་བྱུང་ཡོད་ཅིང་།  ནད་པ242རིམས་ནད་ཁྲོད་ཚེ་ལས་འདས།

བན་དེ་སྐྱབས་ཀྱིས་བསྒྱུར།