ཨ་མེ་རི་ཁར་རིམས་ནད་འགོས་པའི་ནད་པའི་གྲངས་འབོར་འབུམ་ལྔ་དང་ཁྲི་ལྔ་ལས་བརྒལ།
2020.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 55

ཨ་རིའི་ཡེའོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་ཁྱབ་བསྒྲགས་བྱས་པའི་རིམས་ནད་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁར་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་འབུམ་ལྔ་དང་ཁྲི་ལྔ་ལྷག་ཙམ་ཡོད་ཅིང་། དེ་ནི་གོ་ལ་ཧྲིལ་པོའི་ངོས་ནས་བཤད་ན་རིམས་ནད་འགོས་པའི་ནད་པ་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཅིག་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ས་གནས་ཀྱི་ཚེས་བཅུ་གཉིས་ཉིན་གྱི་ཆུ་ཚོད་ལྔ་དང་སྐར་མ་སུམ་ཅུ་ཡི་བར(པེ་ཅིང་གི་དུས་ཚོད་ཚེས་13ཉིན་གྱི་ཆུ་ཚོད5དང་སྐར་མ30བར)ཨ་མེ་རི་ཁར་གཏན་འཁེལ་བྱས་པའི་ནད་པ550016བར་འཕར་བ་དང་། རིམས་ནད་ལས་ཤི་བའི་ནད་པ21733ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།