ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་བཅུ་གསུམ་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་འགོས་ཁྱབ་བྱུང་བའི་གནས་ཚུལ་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་གསུམ་ཉིན་གྱི་ཆུ་ཚོད་བཅུ་བདུན་བར་དུ་འཛམ་གླིང་ཡོངས་སུ་པྲོག་གསར་གློག་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་ས་ཡ་གཅིག་དང་འབུམ་དགུ་སྟོང་ལྔ་དང་དགུ་བརྒྱ་སོ་ལྔ་ལ་སླེབས་པ་དང་ནད་པ་འབུམ་གཅིག་དང་ཁྲི་གཅིག་སྟོང་བརྒྱད་དང་དྲུག་བརྒྱ་ཉེར་གསུམ་རྐྱེན་ལམ་དུ་ཤོར།
གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་འབུམ་ལྔ་དང་ཁྲི་བདུན་སྟོང་གཉིས་དང་ལྔ་བརྒྱ་གྱ་བདུན་ལ་འཕར་བ་དང་ནད་པ་ཁྲི་གཉིས་དང་སྟོང་གསུམ་དོན་བརྒྱད་རྐྱེན་ལམ་དུ་ཤོར་བས། མིག་སྔར་ངོས་འཛིན་བྱས་པའི་ནད་པ་དང་རྐྱེན་ལམ་དུ་ཤོར་ཚད་ཆེས་མང་པོའི་རྒྱལ་ཁབ་ཡིན། སི་ཕན་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་དྲུག་སྟོང་དགུ་དང་དྲུག་བརྒྱ་ཉེར་བརྒྱད་ལ་སླེབས་པ་དང་། ནད་པ་ཁྲི་གཅིག་དང་སྟོང་བདུན་དྲུག་བརྒྱ་ཉེར་བརྒྱད་རྐྱེན་ལམ་དུ་ཤོར། དབྱི་ཐ་ལི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་ལྔ་སྟོང་དགུ་དང་ལྔ་བརྒྱ་བཅུ་དྲུག་ལ་སླེབས་པ་དང་ནད་པ་ཁྲི་གཉིས་དང་བཞི་བརྒྱ་རེ་ལྔ་རྐྱེན་ལམ་དུ་ཤོར། པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་ལས་བརྒལ་བའི་རྒྱལ་ཁབ་ད་དུང་ཧྥ་རན་སི་དང་འཇར་པན་གཉིས་ཀ་ཡོད། དེའི་ནང་དུ་ཧྥ་རན་སི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་གསུམ་སྟོང་བདུན་དང་བརྒྱད་བརྒྱ་དོན་ལྔར་སླེབས་པ་དང་། ནད་པ་ཁྲི་གཅིག་དང་སྟོང་བཞི་དགུ་བརྒྱ་གྱ་དྲུག་རྐྱེན་ལམ་དུ་ཤོར། འཇར་མན་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་གཉིས་སྟོང་བརྒྱད་ཉིས་བརྒྱ་དང་བརྒྱད་ལ་སླེབས་པ་དང་། ནད་པ་སྟོང་གསུམ་དང་ཞེ་གསུམ་རྐྱེན་ལམ་དུ་ཤོར།
གཞི་གྲངས་འདི་དག་ནི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཞིབ་འཇུག་ལས་གཞིས་བསྡོམས་རྩིས་བྱས་པའི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་གཞི་གྲངས་ལས་ཐོན་པ་ཡིན།