འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་བཞི་ཉིན་ཁྱབ་སྒྲོག་བྱས་པའི་གྲངས་ཀ་ལྟར་ན། ཀྲུང་གོ་ལས་གཞན་པའི་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་ས་ཡ་གཅིག་དང་འབུམ་བདུན་ཁྲི་དྲུག་སྟོང་གཅིག་དང་བརྒྱ་དང་རེ་བདུན་ལ་སླེབས།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེར་རིམས་ནད་གནས་ཚུལ་བསྒྲགས་པ་ལྟར་ན། ཡོ་རོབ་གླིང་དབུས་ཁུལ་ཀྱི་དུས་ཚོད་ཚེས་བཅུ་བཞི་ཉིན་གྱི་ཆུ་ཚོད་བཅུའི་བར་དུ་ཀྲུང་གོ་ལས་གཞན་པའི་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་སྔ་ཉིན་དང་བསྡུར་ན་ཁྲི་བདུན་དང་སྟོང་གཅིག་དྲུག་བརྒྱ་བརྒྱད་ཅུ་འཕར་སྣོན་བྱུང་བ་དང་སྡོམ་པས་ནད་པ་ས་ཡ་གཅིག་དང་འབུམ་བདུན་ཁྲི་དྲུག་སྟོང་གཅིག་དང་བརྒྱ་དང་རེ་བདུན་ལ་སླེབས། ཀྲུང་གོ་ལས་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་དང་བསྡུར་ན་སྟོང་ལྔ་དང་སུམ་བརྒྱ་རེ་དགུ་ཇེ་མང་དུ་སོང་བ་དང་སྡོམ་པས་ནད་པ་འབུམ་གཅིག་དང་ཁྲི་གཅིག་སྟོང་གསུམ་དྲུག་བརྒྱ་བདུན་ཅུ་ལ་སླེབས།
འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་སྔ་ཉིན་དང་བསྡུར་ན་ཁྲི་བདུན་དང་སྟོང་གཅིག་བདུན་བརྒྱ་དང་དོན་དགུ་འཕར་སྣོན་བྱུང་བ་དང་སྡོམ་པས་ནད་པ་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་བཞི་སྟོང་བཞི་དང་བརྒྱད་བརྒྱ་རེ་གསུམ་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་དང་བསྡུར་ན་སྟོང་ལྔ་དང་སུམ་བརྒྱ་རེ་དགུ་འཕར་སྣོན་བྱུང་བ་དང་། སྡོམ་པས་ནད་པ་འབུམ་གཅིག་དང་ཁྲི་གཅིག་སྟོང་བདུན་ལྷག་རྐྱེན་ལམ་དུ་ཤོར།