ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་བཅོ་ལྔ་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་འགོས་ཁྱབ་བྱུང་བའི་གནས་ཚུལ་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་བཅོ་ལྔ་ཉིན་གྱི་ཆུ་ཚོད་བཅུའི་བར་དུ་འཛམ་གླིང་ཡོངས་སུ་པྲོག་གསར་གློག་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་ས་ཡ་གཉིས་དགུ་བརྒྱ་གྱ་བཞི་ལ་སླེབས་པ་དང་ནད་པ་འབུམ་གཅིག་དང་ཁྲི་གཉིས་སྟོང་བརྒྱད་དང་དོན་གཅིག་རྐྱེན་ལམ་དུ་ཤོར།
གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་འབུམ་དྲུག་དང་སྟོང་དགུ་དང་དྲུག་བརྒྱ་གོ་དྲུག་ལ་འཕར་བ་དང་ནད་པ་ཁྲི་གཉིས་དང་སྟོང་དྲུག་དང་ང་དགུ་རྐྱེན་ལམ་དུ་ཤོར་བས། མིག་སྔར་ངོས་འཛིན་བྱས་པའི་ནད་པ་དང་རྐྱེན་ལམ་དུ་ཤོར་ཚད་ཆེས་མང་པོའི་རྒྱལ་ཁབ་ཡིན། སི་ཕན་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་བདུན་སྟོང་བདུན་དང་དྲུག་བརྒྱ་སོ་གསུམ་ལ་སླེབས་པ་དང་། ནད་པ་ཁྲི་གཅིག་དང་སྟོང་བརྒྱད་ལྔ་བརྒྱ་དོན་དགུ་རྐྱེན་ལམ་དུ་ཤོར། དབྱི་ཐ་ལི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་དྲུག་སྟོང་གཉིས་དང་བཞི་བརྒྱ་གྱ་བརྒྱད་ལ་སླེབས་པ་དང་ནད་པ་ཁྲི་གཉིས་དང་སྟོང་གཅིག་ལྷག་རྐྱེན་ལམ་དུ་ཤོར།
གཞི་གྲངས་འདི་དག་ནི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཞིབ་འཇུག་ལས་གཞིས་བསྡོམས་རྩིས་བྱས་པའི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་གཞི་གྲངས་ལས་ཐོན་པ་ཡིན།