ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཉིས་དང་འབུམ་གསུམ་ཁྲི་གཅིག་སྟོང་གཉིས་དགུ་བརྒྱ་རེ་དྲུག་ཏུ་བསླེབས། 
2020.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཉིས་དང་འབུམ་གསུམ་ཁྲི་གཅིག་སྟོང་གཉིས་དགུ་བརྒྱ་རེ་དྲུག་ཏུ་བསླེབས། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བརྒྱད་དང་སྟོང་གཉིས་དགུ་བརྒྱ་གོ་གསུམ་ཇེ་མང་དུ་སོང་ནས། ནད་པ་ས་ཡ་གཉིས་དང་འབུམ་གསུམ་ཁྲི་གཅིག་སྟོང་གཉིས་དགུ་བརྒྱ་རེ་དྲུག་ཏུ་བསླེབས། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཏེ་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་བརྒྱ་དང་དགུ་ཇེ་མང་དུ་སོང་ནས། འབུམ་གཅིག་དང་ཁྲི་ལྔ་སྟོང་བརྒྱད་སུམ་བརྒྱ་བཅུ་གསུམ་དུ་བསླེབ་ཡོད། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བརྒྱད་དང་སྟོང་གསུམ་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་གཉིས་དང་འབུམ་གསུམ་ཁྲི་དགུ་སྟོང་བདུན་ཉིས་བརྒྱ་བཅུ་དྲུག་ཏུ་བསླེབ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་བརྒྱ་དང་དགུ་ཇེ་མང་དུ་སོང་ནས། འབུམ་གཅིག་དང་ཁྲི་དྲུག་སྟོང་གཉིས་དགུ་བརྒྱ་ང་དྲུག་ཏུ་བསླེབ་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།