ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་སུམ་ཅུའི་བར། ཨ་མེ་རི་ཁའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་བརྒྱད་དང་སྟོང་བཞི་བརྒྱ་དང་གོ་བཞིར་བསླེབ་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་བཞི་དང་སྟོང་གསུམ་ཉིས་བརྒྱར་བསླེབ་ཡོད།
གཞི་གྲངས་ལས་མངོན་པ་ལྟར་ན། ཉིག་ཡོ་ཀྲིག་ནི་ཨ་མེ་རི་ཁའི་རིམས་ནད་ཆེས་ཚབས་ཆེ་བའི་ས་ཁུལ་ཡིན་པ་དང་། ནད་ངོས་འཛིན་བྱས་པའི་ནད་པ་འབུམ་གཉིས་དང་ཁྲི་ལྔ་སྟོང་བདུན་བརྒྱ་དང་ཉེར་ལྔ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཅིག་དང་སྟོང་བརྒྱད་བརྒྱད་བརྒྱ་ཉེར་གཅིག་ཡོད། ཞིན་ཙེ་ཞི་ཀྲིག་ཏུ་ནད་པ་ཁྲི་བརྒྱ་དང་སྟོང་བརྒྱད་བརྒྱད་བརྒྱ་དང་དྲུག་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བཞི་དང་ལྔ་བརྒྱ་ཉི་ཤུ་ཡོད། ནད་ངོས་འཛིན་བྱས་པའི་ནད་པ་ཁྲི་གསུམ་ལས་བརྒལ་བའི་ཀྲིག་ལ་ད་རུང་མཱ་སཱ་ཀྲུའུ་སེ་ཀྲིག་དང་། པེན་ཞི་ཧྥ་ནེ་ཡཱ་ཀྲིག ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག མུས་ཞེ་ཀིན་ཀྲིག དབྱེ་ལེ་ནོའུ་དབྱེ་ཀྲིག་བཅས་ཡོད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།