ཧྥ་རན་སི་རྒྱལ་ཁབ་ཏུ་སྡོམ་པས་ངོས་འཛིན་བྱས་པའི་ནད་པ་ཁྲི་གཉིས་དང་སྟོང་གསུམ་ཉིས་བརྒྱ་གོ་གསུམ་ལ་སླེབས།
2020.04.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 55

ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། ཧྥ་རན་སི་འཕྲོད་བསྟེན་སྤྱི་ཁྱབ་ཧྲུའུ་ཡིས་བསྒྲགས་པའི་གསར་འགྱུར་སྤྱི་སྒྲོག་ནང་བཤད་དོན། ཧྥ་རན་སི་རྒྱལ་ཁབ་ཏུ་སྡོམ་པས་ངོས་འཛིན་བྱས་པའི་ནད་པ་ཁྲི་གཉིས་དང་སྟོང་གསུམ་ཉིས་བརྒྱ་གོ་གསུམ་ལ་སླེབས་པ་དང་དེ་སྔ་ཉིན་དང་བསྡུར་ན་ནད་པ་བཞི་བརྒྱ་དང་སོ་བདུན་འཕར་སྣོན་བྱུང་།

ཧྥ་རན་སི་སྲིད་གཞུང་དྲ་ངོས་སུ་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་འདས་པའི་དུས་ཚོད་ཉེར་བཞིའི་ནང་ངོས་འཛིན་བྱས་པའི་ནད་པ་སྟོང་གསུམ་དང་བདུན་བརྒྱ་རེ་བཞི་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་གཉིས་སྟོང་བརྒྱད་སུམ་བརྒྱ་སོ་དགུ་སླེབས།  ནུས་ཤོར་ལོ་ལོན་རྒན་གསོ་ཁང་དང་བཅས་པའི་སྤྱི་ཚོགས་སྨན་བཅོས་ལས་ཁུངས་ཁྲོད་དུ་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་ཁྲི་གསུམ་དང་ཉིས་བརྒྱ་ཉེར་བདུན་ཡོད་པ་དང་འདས་པའི་དུས་ཚོད་ཉེར་བཞིའི་ནང་ནད་པ་ལྔ་བརྒྱ་དང་གྱ་བཞི་འཕར་སྣོན་བྱུང་།

ཧྥ་རན་སི་ངལ་རྩོལ་བཟོ་བ་པུའུ་ཡིས་ཚེས་ཉེར་བདུན་ཉིན་བཤད་དོན། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་འོག ད་ལོའི་ཟླ་གསུམ་པའི་ནང་རྒྱལ་ཁབ་ལས་ཞུགས་ལྟེ་གནས་སུ་མིང་བཀོད་པའི་ལས་ཤོར་མི་གྲངས་འབུམ་གཉིས་དང་ཁྲི་བཞི་སྟོང་དྲུག་དང་བརྒྱ་ལ་འཕར་སྣོན་བྱུང་བ་དང་། དེ་ནི་གཅིག་དགུ་གོ་དྲུག་ལོའི་ཚུན་ལ་ཟླ་གཅིག་གི་ནང་འཕར་ཚད་ཆེས་མཐོ་བ ཞིག་རེད་ཟེར།