ཡོ་ཧན་སི•ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཨ་མེ་རི་ཁར་རིམ་རྩིས་བྱས་ན་པྲོག་གསར་རིམས་ནད་བྱུང་བའི་ནད་པ་ཁྲི120ལྷག་ཙམ་ཟིན་ཡོད་ཅེས་བསྒྲགས།
2020.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཚེས་ལྔ་ཉིན། ཨ་མེ་རི་ཁའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་གསར་ཤོས་ཁྱབ་བསྒྲགས་བྱས་པ་ལས་མངོན་པ་ལྟར་ན། ཨ་མེ་རི་ཁར་རིམས་ནད་འགོས་པའི་ནད་པ་ཁྲི120ལས་བརྒལ་ཡོད་ཟེར།

ཨ་མེ་རི་ཁ་ཤར་རྒྱུད་ཀྱི་དུས་ཚོད་ཚེས5ཉིན་གྱི་ཆུ་ཚོད18(པེ་ཅིང་གི་དུས་ཚོད་ཚེས6ཉིན་གྱི་ཆུ་ཚོད6པ)ཐོག་རྩད་ཆོད་པའི་གཞི་གྲངས་ལྟར་ན།  ཨ་མི་རི་ཁས་རིམ་རྩིས་བྱས་ན་གློ་ཚད་རིམས་ནད་འགོས་པའི་ནད་པ 1201337བར་འཕར་བ་དང་། རིམ་རྩིས་བྱས་ན་རིམས་ནད་ཁྲོད་རྐྱེན་ལམ་དུ་ཤོར་བའི་ནད་པ70646ཟིན་ཡོད་ཅིང་། གཏན་འཁེལ་བྱས་པའི་ནད་པ་ དང་ཤི་བའི་ནད་པ་ཚང་མ་འཛམ་གླིང་ཡོངས་ནས་ཆེས་མང་ཤོས་སུ་སླེབས་ཡོད། གཞི་གྲངས་ལས་མངོན་པ་ལྟར་ན།  ཉིག་ཡོ་ཀྲོའུ་ནི་ཨ་མེ་རི་ཁའི་རིམས་ནད་ཚབས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། རིམ་རྩིས་བྱས་ན་ནད་པ 321192 པྲོག་གསར་གློ་ཚད་ལ་ངོས་བཟུང་བ་དང་། རིམ་རྩིས་བྱས་ན་ནད་པ25073ཤི་ཡོད་པ་རེད། ཤིན་ཙེ་ཤིས་ཀྲོའུ་ལ་རིམ་རྩིས་བྱས་ན་ནད་པ130593 པྲོག་གསར་གློ་ཚད་ལ་ངོས་བཟུང་བ་དང་། རིམ་རྩིས་བྱས་ན་ནད་པ8244ཤི་ཡོད་པ་རེད། ནད་གཞི་བརྟག་དཔྱད་བྱས་པའི་ནད་པ་ཁྲི5ལས་བརྒལ་བའི་ཀྲོའུ་རུ་ད་དུང་མ་ས་ཀྲུའུ་སའེ་ཀྲོའུ་དང་། དབྱི་ལི་ནུའོ་དབྱི་ཀྲོའུ། ཅ་ལི་ཕུའུ་ཉི་ཡ་ཀྲོའུ། པིན་ཤིས་ཧྥ་ཉི་ཡ་ཀྲོའུ་བཅས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།