ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་སུམ་བརྒྱ་དང་སུམ་ཅུ་འཕར་སྣོན་བྱུང་།
2020.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་ལྔ་བའི་ཚེས་ལྔ་ཉིན། ཧྥ་རན་སི་འཕྲོད་བསྟེན་སྤྱི་ཁྱབ་ཧྲུའུ་ཡིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ནང་བཤད་དོན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་སུམ་བརྒྱ་དང་སུམ་ཅུ་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་ཁྲི་གཉིས་དང་སྟོང་ལྔ་ལྔ་བརྒྱ་སོ་གཅིག་རྐྱེན་ལམ་དུ་ཤོར།

སྤྱི་སྒྲོག་ལྟར་ན། རྐྱེན་ལམ་དུ་ཤོར་བའི་ནད་པ་ཚོའི་ཁྲོད་དུ་སྨན་ཁང་ནས་ནད་པ་ཁྲི་གཅིག་དང་སྟོང་དྲུག་དྲུག་ཅུ་རྐྱེན་ལམ་དུ་ཤོར་བ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་ རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིས་བརྒྱ་དང་སོ་བཞི་འཕར་སྣོན་བྱུང་། ནུས་ཤོར་རྒན་གསོ་ཁང་དང་བཅས་པའི་སྤྱི་ཚོགས་སྨན་བཅོས་ལས་ཁུངས་སུ་ནད་པ་སྟོང་དགུ་དང་བཞི་བརྒྱ་དོན་གཅིག་རྐྱེན་ལམ་དུ་ཤོར་བ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་རྐྱེན་ལམ་དུ་ཤོར་བའི་ནད་པ་གོ་དྲུག་འཕར་སྣོན་བྱུང་།

ཧྥ་རན་སི་སྲིད་གཞུང་དྲ་ཚིགས་སྟེང་ཚེས་ལྔ་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པའི་ནད་པ་སྟོང་གཅིག་དང་བརྒྱ་དང་བཞི་འཕར་སྣོན་བྱུང་པ་དང་། བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་གསུམ་སྟོང་གཉིས་དགུ་བརྒྱ་རེ་བདུན་ལ་སླེབས། དེའི་ནང་དུ་ནུས་ཤོར་རྒན་གསོ་ཁང་དང་བཅས་པའི་སྤྱི་ཚོགས་སྨན་བཅོས་ལས་ཁུངས་ཁྲོད་དུ་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་ཁྲི་གསུམ་དང་སྟོང་བཞི་བརྒྱ་དང་བརྒྱད་ཡོད་པ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་ངོས་འཛིན་བྱས་པའི་ནད་པ་སུམ་བརྒྱ་དང་བཅུ་བདུན་འཕར་སྣོན་བྱུང་།