འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བདུན་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གསུམ་དང་འབུམ་ལྔ་ཁྲི་བརྒྱད་སྟོང་བདུན་བརྒྱད་བརྒྱ་ཉེར་དགུར་བསླེབ་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཟླ་ལྔ་བའི་ཚེས་བདུན་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བརྒྱད་དང་སྟོང་གསུམ་བཞི་བརྒྱ་རེ་གཉིས་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་གསུམ་དང་འབུམ་ལྔ་ཁྲི་བརྒྱད་སྟོང་བདུན་བརྒྱད་བརྒྱ་ཉེར་དགུར་བསླེབས། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དྲུག་དང་ལྔ་བརྒྱ་སོ་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་གཉིས་དང་ཁྲི་བཞི་སྟོང་དགུ་བཞི་བརྒྱ་དང་གཉིས་ལ་བསླེབ་ཡོད།
འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བརྒྱད་དང་སྟོང་གསུམ་བཞི་བརྒྱ་རེ་ལྔ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་གསུམ་དང་འབུམ་དྲུག་ཁྲི་བདུན་སྟོང་གཉིས་ཉིས་བརྒྱ་སོ་བརྒྱད་དུ་བསླེབ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དྲུག་དང་ལྔ་བརྒྱ་སོ་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་གཉིས་དང་ཁྲི་ལྔ་སྟོང་བཞི་དང་ཞེ་ལྔར་བསླེབ་ཡོད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།