དབྱི་ཐ་ལ་རྒྱལ་ཁབ་ཏུ་ཚེས་བརྒྱད་ཉིན་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་སྟོང་གཅིག་དང་སུམ་བརྒྱ་ཉེར་བདུན་འཕར་སྣོན་བྱུང་།
2020.05.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་ལྔ་བའི་ཚེས་བརྒྱད་ཉིན། དབྱི་ཐ་ལི་དམངས་དོན་སྲུང་སྐྱོབ་ལས་ཁུངས་ཀྱིས་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལ་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་སྟོང་གཅིག་དང་སུམ་བརྒྱ་ཉེར་བདུན་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་འབུམ་གཉིས་དང་ཁྲི་གཅིག་སྟོང་བདུན་བརྒྱ་དང་གྱ་ལྔ་ལ་བསླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིས་བརྒྱ་དང་ཞེ་གསུམ་འཕར་སྣོན་བྱུང་དང་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གསུམ་དང་ཉིས་བརྒྱ་དང་གཅིག་ལ་བསླེབས།

གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་ནད་པ་དྲག་པའི་མི་གྲངས་སྟོང་གཉིས་དང་བདུན་བརྒྱ་ཞེ་བདུན་འཕར་སྣོན་བྱུང་བ་དང་། བསྡོམས་པས་ནད་པ་ཁྲི་དགུ་དང་སྟོང་དགུ་ཉེར་གསུམ་དྲག་སྐྱེད་བྱུང་། ད་ལྟའི་ནད་པའི་གྲངས་ཀ་དེ་སྔ་ཉིན་དང་བསྡུར་ན་ནད་པ་སྟོང་གཅིག་དང་དྲུག་བརྒྱ་རེ་གསུམ་ཇེ་ཉུང་དུ་སོང་བ་དང་བསྡོམས་པ་ནད་པའི་གྲངས་ཀ་ཁྲི་བརྒྱད་དང་སྟོང་བདུན་དགུ་བརྒྱ་རེ་གཅིག་ཏུ་ཇེ་ཉུང་ལ་སོང་།

དབྱི་ཐ་ལི་མཐོ་རིམ་འཕྲོད་བསྟེན་ཞིབ་འཇུག་ཁང་གི་འགོ་གཙོ་པུའུ་ལུའུ་ས་ཧྥེ་ལོ་ཡིས་ཉིན་དེར་བརྙན་རིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་དོན། དབྱི་ཐ་ལི་རྒྱལ་ཁབ་ཏུ་རིམས་ནད་བྱུང་ཚད་ཇེ་དམའ་རུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ཡོངས་ཀྱི་ས་གནས་ཉི་ཤུ་རུ་ནད་པ་རིམ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཟེར།