ཨ་མེ་རི་ཁར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་བརྒྱད་ལས་བརྒལ། 
2020.05.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་བཅུ་གཅིག་ཉིན་སྤེལ་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་བ་ལྟར་ན། ཨ་མེ་རི་ཁ་ནས་རིམ་རྩིས་ཀྱིས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་བརྒྱད་ལས་བརྒལ་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་སོ་གཉིས་བར། ཨ་མེ་རི་ཁར་རིམ་རྩིས་ཀྱིས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་བརྒྱ་དང་གྱ་བདུན་ལ་བསླེབ་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁར་རིམ་རྩིས་ཀྱིས་ནད་ངོས་འཛིན་བྱས་པའི་ནད་པ་ས་ཡ་གཅིག་དང་འབུམ་གསུམ་ཁྲི་བཞི་སྟོང་བཞི་ལྔ་བརྒྱ་བཅུ་གཉིས་ལ་བསླེབ་ཡོད། རིམས་ནད་ཆེས་ཚབས་ཆེ་བའི་ཉིག་ཡོ་ཀྲིག་ཏུ་རིམ་རྩིས་ཀྱིས་ནད་པ་འབུམ་གསུམ་དང་ཁྲི་གསུམ་སྟོང་བདུན་དང་ང་ལྔར་བསླེབ་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་ཁྲི་གཉིས་དང་སྟོང་དྲུག་དྲུག་བརྒྱ་གྱ་གཉིས་རྐྱེན་ལམ་དུ་ཤོར། དེ་ལས་གཞན་ཞིན་ཙེ་ཞི་ཀྲིག་ནས་རིམ་རྩིས་ཀྱིས་ནད་པ་སྟོང་དགུ་དང་སུམ་བརྒྱ་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མཱ་སཱ་ཀྲུའུ་སེ་ཀྲིག་ནས་རིམ་རྩིས་ཀྱིས་ནད་པ་སྟོ་ངཞི་དང་དགུ་བརྒྱ་དོན་དགུ་རྐྱེན་ལམ་དུ་ཤོར། མུས་ཞེ་ཀིན་ཀྲིག་ནས་རིམ་རྩིས་ཀྱིས་ནད་པ་སྟོང་བཞི་དང་ལྔ་བརྒྱ་གྱ་བཞིར་རྐྱེན་ལམ་དུ་ཤོར་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།