ཐུར་ཁེ་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་གཅིག་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་གཞི་གྲངས་ལས་མངོན་པ་ལྟར་ན། ཐུར་ཁེ་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་སྟོང་གཅིག་དང་བརྒྱ་དང་བཅུ་བཞི་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་གསུམ་སྟོང་དགུ་བདུན་བརྒྱ་དོན་གཅིག་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་ང་ལྔ་འཕར་སྣོན་བྱུང་བ་དང་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་གསུམ་དང་བརྒྱད་བརྒྱ་ཞེ་གཅིག་ལ་སླེབས། དྲག་སྐྱེད་བྱུང་བའི་ནད་པ་སྟོང་གསུམ་དང་གྱ་དགུ་འཕར་སྣོན་བྱུང་བ་དང་བསྡོམས་པས་དྲག་སྐྱེད་བྱུང་བའི་ནད་པ་ཁྲི་དགུ་དང་སྟོང་ལྔ་བདུན་བརྒྱ་བརྒྱད་ཅུ་ལ་སླེབས།
ཐུར་ཁེ་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱིས་ཉིན་དེར་བཤད་དོན། ངེས་པར་དུ་ཁ་ཐུམ་རྒྱག་དགོས་ལ། སྤྱི་ཐུན་ཚོགས་ར་ནས་མི་མང་པོ་འདུ་འཛོམས་མི་བྱེད་པ་དང་། སླར་གསོ་བྱེད་པར་རིམ་བཞིན་གོ་རིམ་ཞིག་བརྒྱུད་དགོས་ཟེར།