ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ངོས་བཟུང་བའི་ནད་པ་བརྒྱ་དང་བཅོ་ལྔ་འཕར་སྣོན་བྱུང་།
2020.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། ཧྥ་རན་སི་འཕྲོད་བསྟེན་སྤྱི་ཁྱབ་ཧྲུའུ་ཡིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ནང་བཤད་དོན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ངོས་བཟུང་བའི་ནད་པ་བརྒྱ་དང་བཅོ་ལྔ་ཇེ་མང་དུ་སོང་བ་དང་།  བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཅིག་དང་ཁྲི་བཞི་སྟོང་བཞི་དགུ་བརྒྱ་ཉེར་གཅིག་ལ་སླེབས།

གཞི་གྲངས་ལས་མངོན་པ་ལྟར་ན།  མིག་སྔའི་བར་དུ་ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁྲི་གཅིག་དང་སྟོང་བདུན་བརྒྱ་དང་གྱ་ལྔ་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་།    དེ་སྔ་ཉིན་དང་བསྡུར་ན་ནད་པ་བདུན་ཇེ་ཉུང་དུ་སོང་། ནད་པ་སྟོང་གཅིག་དང་དྲུག་བརྒྱ་ང་ལྔ་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་ལ།  དེ་སྔ་ཉིན་དང་བསྡུར་ན་ནད་པ་བཅུ་ཉེ་ཉུང་དུ་སོང་།

ཧྥ་རན་སིའི་འགུལ་སྐྱོད་དང་སྤྱི་ཐུན་རྩིས་ཐོ་པུའུ་ཀྲང་ཏ་ཨར་མ་ཉིན་གྱིས་ཚེས་ཉེར་བཞི་ཉིན་བཤད་དོན   ཟ་ཁང་དང་གནས་སྐོར། རིག་གནས། ལུས་རྩལ་སོགས་རིམས་ནད་ཀྱིས་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ལས་རིགས་ལ་སྲིད་གཞུང་གིས་ཡོ་སྒོར་དུང་ཕྱུར་སུམ་ཅུའི་སྤྱི་ཚོགས་འགན་སྲུང་སྤྲོད་དངུལ་མེད་པར་གཏོང་ངེས་ཡིན་ཟེར།