ཧྥ་རན་སི་སྲིད་གཞུང་དྲ་ངོས་སུ་ཚེས་ཉེར་བརྒྱད་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ངོས་བཟུང་བའི་ནད་པ་འབུམ་གཅིག་དང་ཁྲི་བཞི་སྟོང་དགུ་དང་དོན་གཅིག་ལ་ཇེ་མང་དུ་སོང་།
གཞི་གྲངས་ལས་མངོན་པ་ལྟར་ན། ངོས་བཟུང་བའི་ནད་པ་སྔ་ཉིན་དང་བསྡུར་ན་སྟོང་གསུམ་དང་སུམ་བརྒྱ་ཉེར་ལྔ་འཕར་སྣོན་བྱུང་། ཧྥ་རན་སི་སྤྱི་ཐུན་འཕྲོད་བསྟེན་ལས་ཁུངས་ཀྱིས་གསལ་བཤད་བྱས་དོན། ཉིན་དེར་ངོས་བཟུང་བའི་ནད་པ་འཕར་སྣོན་ཆེན་པོ་བྱུང་བའི་རྒྱུ་རྐྱེན་ནི་ཐོག་དང་པོར་ཞིབ་བཤེར་ཚད་ལེན་ཆ་འཕྲིན་བསྡོམས་རྩིས་མ་ལག་གསར་བ་བཀོལ་སྤྱོད་བྱས་པ་དེ་ཡིན་ལ། བསྡོམས་རྩིས་བྱས་པའི་གཞི་གྲངས་སྔར་ལས་ཆ་ཚང་དུ་གྱུར།
གཞི་གྲངས་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་མིག་སྔར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁྲི་གཅིག་དང་སྟོང་ལྔ་ཉིས་བརྒྱ་དང་བརྒྱད་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་ནད་པ་བཞི་བརྒྱ་དང་དོན་གཉིས་ཇེ་ཉུང་དུ་སོང་། ནད་པ་སྟོང་གཅིག་དང་བཞི་བརྒྱ་ཉེར་དགུ་ལ་ནད་པའི་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་ལ། འདས་པའི་དུས་ཚོད་ཉེར་བཞིའི་ནང་ནད་པ་དོན་གཉིས་ཇེ་ཉུང་དུ་སོང་།