ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་བཅུ་གཅིག་འཕར་སྣོན་བྱུང་།
2020.06.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཧྥ་རན་སི་སྲིད་གཞུང་དྲ་ངོས་སུ་ཚེས་བརྒྱད་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་བཅུ་གཅིག་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཅིག་དང་ཁྲི་ལྔ་སྟོང་བཞི་ བརྒྱ་དང་གྱ་བརྒྱད་ལ་སླེབས།

གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་མིག་སྔར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁྲི་གཅིག་དང་སྟོང་གཉིས་སུམ་བརྒྱ་བཅོ་ལྔ་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་། དེའི་ནང་གི་ནད་པ་སྟོང་གཅིག་དང་ཉེར་བཞི་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད།

ས་གནས་སོ་སོའི་རིམས་ནད་གནས་ཚུལ་ཇེ་བཟང་དུ་སོང་བ་དང་བསྟུན་ནས། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་ནས་བཟུང་རིམ་བཞིན་བཀག་སྡོམ་མེད་པར་བཏང་བ་དང་། ཟླ་དྲུག་པའི་ཚེས་གཉིས་ཉིན་ཧྥ་རན་སི་རྒྱལ་ཁབ་བཀག་སྡོམ་མེད་པར་བཏང་བའི་དུས་སྐབས་གཉིས་པར་བསྐྱོད།  རྒྱལ་ཡོངས་ཀྱི་ཟ་ཁང་སོགས་ཀྱིས་ཚོང་གཉེར་སླར་གསོ་བྱས་པ་དང་། དམའ་འབྲིང་དང་མཐོ་འབྲིང་གིས་ཡང་བསྐྱར་སློབ་འགོ་ཚུགས།

                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།