འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་ཉིན་ཁྱབ་སྒྲོག་བྱས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་བདུན་དང་ཁྲི་དྲུག་བརྒྱད་བརྒྱ་གོ་བརྒྱད་ལ་བསླེབ་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་དག་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཅིག་དང་སྟོང་ལྔ་དྲུག་བརྒྱ་བཅོ་བརྒྱད་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་བདུན་དང་ཁྲི་དྲུག་བརྒྱད་བརྒྱ་གོ་བརྒྱད་ལ་བསླེབ་ཡོད་ལ། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་སྟོང་གསུམ་དང་དྲུག་བརྒྱ་ཉེར་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་འབུམ་བཞི་དང་སྟོང་གསུམ་སུམ་བརྒྱ་བརྒྱད་ཅུར་བསླེབ་ཡོད།
འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཅིག་དང་སྟོང་ལྔ་དྲུག་བརྒྱ་ཉེར་གཅིག་འཕར་ནས་བསྡོམས་པས་ནད་པ་ས་ཡ་བདུན་དང་འབུམ་གཅིག་ཁྲི་བཞི་སྟོང་ལྔ་ལྔ་བརྒྱ་སོ་དགུར་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་སྟོང་གསུམ་དང་དྲུག་བརྒྱ་ཉེར་དགུ་རྐྱེན་ལམ་དུ་ཤོར་ནས། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་བཞི་དང་སྟོང་བརྒྱད་ཉེར་ལྔར་བསླེབ་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།