ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་བརྒྱད་དང་འབུམ་གཅིག་ཁྲི་ལྔ་སྟོང་བརྒྱད་དགུ་བཅུ་གོ་དྲུག་ལ་བསླེབས།
2020.06.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་བརྒྱད་དང་འབུམ་གཅིག་ཁྲི་ལྔ་སྟོང་བརྒྱད་དགུ་བཅུ་གོ་དྲུག་ལ་བསླེབས་ཡོད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅོ་བརྒྱད་ཀྱི་དུས་ཚོད་བཅུའི་བར།  ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཅིག་དང་ཁྲི་བརྒྱད་སྟོང་གཅིག་བརྒྱ་དང་གོ་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་བརྒྱད་དང་འབུམ་གཅིག་ཁྲི་ལྔ་སྟོང་བརྒྱད་དགུ་བཅུ་གོ་དྲུག་ལ་བསླེབ་ཡོད་ལ། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་ཉིས་བརྒྱ་ཞེ་ལྔ་ཇེ་མང་དུ་སོང་ནས་བསྡོམས་པས་ནད་པ་འབུམ་བཞི་དང་ཁྲི་བཞི་བརྒྱ་དང་དགུ་བཅུ་ལ་བསླེབ་ཡོད་ཟེར།

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཅིག་དང་ཁྲི་བརྒྱད་སྟོང་གཅིག་དང་ཉིས་བརྒྱ་སོ་གཉིས་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་བརྒྱད་དང་འབུམ་གཉིས་ཁྲི་བཞི་སྟོང་གཉིས་དང་དགུ་བརྒྱ་གོ་དགུ་ལ་བསླེབ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་ཉིས་བརྒྱ་ཞེ་ལྔ་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་བཞི་དང་ཁྲི་བཞི་སྟོང་ལྔ་དང་ལྔ་བརྒྱ་སོ་ལྔ་ལ་བསླེབ་ཡོད་ཟེར།