འཛམ་གླིང་ཡོངས་སུ་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་ལྔ་དང་ཁྲི་ལྔ་ལས་བརྒལ།
2020.07.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཨ་མེ་རི་ཁའི་ཡོ་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་དགུ་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་གནས་ཚུལ་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་ལྔ་དང་ཁྲི་ལྔ་ལས་བརྒལ།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་དགུ་ཉིན་གྱི་དུས་ཚོད་བཅུ་དང་སྐར་མ་སོ་གསུམ་བར་དུ་འཛམ་གླིང་ཡོངས་སུ་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་ལྔ་དང་ཁྲི་ལྔ་བཞི་བརྒྱ་དང་བཞི་བཅུ་ལ་འཕར་བ་དང་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་གཉིས་ཁྲི་བརྒྱད་སྟོང་གཅིག་དང་ཉིས་བརྒྱ་སོ་གཉིས་ལ་འཕར་སྣོན་བྱུང་།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་ནི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་དང་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཆེས་མང་པོའི་རྒྱལ་ཁབ་ཡིན་ལ། སོ་སོར་ངོས་བཟུང་བའི་ནད་པ་ས་ཡ་གསུམ་དང་ཁྲི་ལྔ་སྟོང་བདུན་བཞི་བརྒྱ་སོ་གཅིག་དང་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་གཅིག་དང་ཁྲི་གསུམ་སྟོང་གཉིས་དང་སུམ་བརྒྱ་དྲུག་ཅུ་ལ་སླེབས། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཉིས་ལས་བརྒལ་བའི་རྒྱལ་ཁབ་ད་དུང་པ་ཞི་དང་དབྱི་ཇུ། དབྱི་ཐ་ལི། མོ་ཞི་ཁོ། ཧྥ་རན་སི། སི་ཕན། རྒྱ་གར་བཅས་ཡོད།

                                                                                                  ལོ་ཙཱ་བ། བཀྲ་ཤིས་འབུམ།