འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་གསུམ་སྟོང་དྲུག་དང་བདུན་བརྒྱ་རེ་བཞི་ལ་སླེབས།
2020.07.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཨ་མེ་རི་ཁའི་ཡོ་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་བཅུ་གསུམ་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་གནས་ཚུལ་སྡོམ་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་གསུམ་ཉིན་གྱི་དུས་ཚོད་བཅུ་དྲུག་དང་སྐར་མ་སོ་བཞི་བར་དུ་འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་གསུམ་སྟོང་དྲུག་དང་བདུན་བརྒྱ་རེ་བཞི་ལ་སླེབས་པ་དང་། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་ལྔ་དང་ཁྲི་བདུན་བདུན་བརྒྱ་དོན་དྲུག་ལ་སླེབས།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་ནི་འཛམ་གླིང་ཡོངས་སུ་རིམས་ནད་བྱུང་བ་ཧ་ཅང་ཚབས་ཆེ་བའི་རྒྱལ་ཁབ་ཡིན་ལ། བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ས་ཡ་གསུམ་དང་འབུམ་གསུམ་ཁྲི་བཞི་དང་སྟོང་དྲུག་ཉིས་བརྒྱ་ཞེ་དྲུག་ལ་སླེབས་པ་དང་། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་གཅིག་དང་ཁྲི་གསུམ་སྟོང་ལྔ་དང་བཞི་བརྒྱ་དོན་བདུན་ལ་སླེབས། དེ་ལས་གཞན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་འབུམ་གཉིས་དང་ཁྲི་ལྔ་ལས་བརྒལ་བའི་རྒྱལ་ཁབ་ད་དུང་ཕེ་རུ་དང་ཀྲི་ལི། མོ་ཞི་ཁོ། དབྱིན་ཇུ། ཨ་ཧྥེ་རི་ཁ་ལྷོ་མ། དབྱི་ལང་། སི་ཕན། ཕ་ཁི་སི་ཐན་བཅས་ཡོད།

                                                                                                     ལོ་ཙཱ་བ། བཀྲ་ཤིས་འབུམ།