འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅོ་ལྔ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཀྲུང་གོ་མ་གཏོགས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གཅིག་ས་ཡ་གསུམ་ཁྲི་དྲུག་སྟོང་བཞི་དགུ་བརྒྱ་རེ་བརྒྱད་ལ་སླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས་བཅོ་ལྔ་ཉིན་གྱི་ཆུ་ཚོད་བཅུ་པའི་བར་དུ། ཀྲུང་གོ་མ་གཏོགས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་དང་བསྡུར་ན་འབུམ་གཅིག་དང་ཁྲི་བརྒྱད་སྟོང་ལྔ་བདུན་བརྒྱ་གྱ་གཉིས་ཇེ་མང་དུ་སོང་ནས། ད་ཡོད་ནད་པ་བྱེ་བ་གཅིག་དང་ས་ཡ་གསུམ་ཁྲི་དྲུག་སྟོང་བཞི་དགུ་བརྒྱ་རེ་བརྒྱད་ལ་སླེབས་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་གསར་གློ་ཚད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་དང་བསྡུར་ན་སྟོང་བཞི་བརྒྱ་དང་དོན་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་ལྔ་དང་ཁྲི་དྲུག་སྟོང་དགུ་བརྒྱད་བརྒྱ་བཅོ་ལྔ་ལ་སླེབས་ཡོད།
འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་འབུམ་གཅིག་དང་ཁྲི་བརྒྱད་སྟོང་ལྔ་བརྒྱད་བརྒྱ་སོ་དྲུག་འཕར་སྣོན་བྱུང་བ་དང་། བསྡོམས་པས་ནད་པ་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གཅིག་ཁྲི་ལྔ་དང་དྲུག་བརྒྱ་ཞེ་ལྔ་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་ སྟོང་བཞི་བརྒྱ་དང་དོན་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་ལྔ་དང་ཁྲི་བདུན་སྟོང་བཞི་བཞི་བརྒྱ་རེ་བཞི་ལ་སླེབས་ཡོད།
ལོ་ཙཱ་བ། རིན་ཆེན་མཚོ།