འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན་གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་པྲོག་དབྱིབས་ནད་དུག་འགོས་པའི་ནད་པ་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་གསུམ་ཁྲི་ལྔ་སྟོང་བཞི་སུམ་བརྒྱ་ཞེ་གཉིས་སུ་སླེབས།
2020.08.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ལྔ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་པྲོག་དབྱིབས་ནད་དུག་འགོས་པའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་གསུམ་ཁྲི་ལྔ་སྟོང་བཞི་སུམ་བརྒྱ་ཞེ་གཉིས་སུ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས་ལྔ་ཉིན་གྱི་ཆུ་ཚོད་བཅུ་བར(པེ་ཅིང་གི་དུས་ཚོད་ཆུ་ཚོད་བཅུ་དྲུག་བར)གོ་ལ་ཧྲིལ་པོར་པྲོག་དབྱིབས་ནད་དུག་འགོས་པའི་ནད་པ་དེ་ཉིན་གོང་མ་དང་བསྡུར་ན་འབུམ་གཉིས་དང་སྟོང་དྲུག་བདུན་བརྒྱ་དགུ་ཡིས་ཇེ་མང་དུ་སོང་བ་དང་། ཁྱོན་བསྡོམས་ནད་པ་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་གསུམ་ཁྲི་ལྔ་སྟོང་བཞི་སུམ་བརྒྱ་ཞེ་གཉིས་སུ་སླེབས། རིམས་ནད་ཁྲོད་རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བཞི་དང་བརྒྱ་བཅུ་དྲུག་གིས་ཇེ་མང་དུ་སོང་ནས། ཁྱོན་བསྡོམས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་དྲུག་དང་ཁྲི་དགུ་སྟོང་དྲུག་བརྒྱ་དང་ཞེ་བདུན་ལ་སླེབས་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།