འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་དགུ་ཁྲི་གསུམ་སྟོང་དྲུག་ཉིས་བརྒྱ་བཅུར་བསླེབས། 
2020.08.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གཅིག་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་དགུ་ཁྲི་གསུམ་སྟོང་དྲུག་ཉིས་བརྒྱ་བཅུར་བསླེབ་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་བཅུའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་འབུམ་གཉིས་དང་ཁྲི་གཅིག་སྟོང་དྲུག་སོ་གསུམ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་དགུ་ཁྲི་གསུམ་སྟོང་དྲུག་ཉིས་བརྒྱ་བཅུར་བསླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྟོང་བཞི་དང་ཉིས་བརྒྱ་རེ་བརྒྱད་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་བདུན་དང་ཁྲི་གསུམ་སྟོང་གཉིས་བཞི་བརྒྱ་གོ་དགུར་བསླེབ་ཡོད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།