འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བཞི་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་གསུམ་ཁྲི་གཅིག་སྟོང་གཅིག་བདུན་བརྒྱ་བཅུ་དགུར་བསླེབ་ཡོད།
གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་ཉེར་གཉིས་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་ལྔ་སྟོང་གསུམ་དགུ་བརྒྱ་རེ་གསུམ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་གསུམ་ཁྲི་གཅིག་སྟོང་གཅིག་བདུན་བརྒྱ་བཅུ་དགུར་བསླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་ལྔ་བརྒྱ་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་བརྒྱད་དང་སྟོང་དྲུག་བཞི་བརྒྱ་བཅུར་བསླེབ་ཡོད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།