འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས་བདུན་ཉིན་གྱི་ཆུ་ཚོད་བཅུ་དྲུག་དང་སྐར་མ་ཉེར་བཞི་སྟེ། པེ་ཅིང་གི་དུས་ཚོད་ཉེར་གཉིས་དང་སྐར་མ་ཉེར་བཞིའི་བར། གོ་ལ་ཧྲིལ་པོར་པྲོག་གསར་རིམས་ནད་ཕོག་པར་གཏན་འཁེལ་བྱས་པའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་ནད་པ་ས་ཡ་གཉིས་དང་ཁྲི་དྲུག་སྟོང་ལྔ་བརྒྱད་བརྒྱ་བཅོ་བརྒྱད་ཀྱིས་ཇེ་མང་དུ་ཕྱིན་ནས། ཁྱོན་བསྡོམས་ནད་པ་བྱེ་བ་གཉིས་དང་ས་ཡ་བདུན་ཁྲི་གསུམ་སྟོང་གཉིས་དྲུག་བརྒྱ་བཅུ་བདུན་ལ་སླེབས་ཡོད། རིམས་ནད་ཁྲོད་ཤི་བའི་ནད་པ་སྟོང་བཞི་དང་བརྒྱད་བརྒྱ་ཉི་ཤུ་ཡིས་ཇེ་མང་དུ་ཕྱིན་ནས་ཁྱོན་བསྡོམས་འབུམ་བརྒྱད་དང་ཁྲི་བརྒྱད་སྟོང་གཅིག་བཞི་བརྒྱ་རེ་བཞིར་སླེབས་ཡོད།
ལོ་ཙཱ་བ། བན་དེ་སྐྱབས།