འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་གཉིས་ཁྲི་གསུམ་སྟོང་དྲུག་དགུ་བརྒྱ་དང་བཅུ་དྲུག་ལ་བསླེབ་ཡོད།
2020.09.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་གཉིས་ཁྲི་གསུམ་སྟོང་དྲུག་དགུ་བརྒྱ་དང་བཅུ་དྲུག་ལ་བསླེབ་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཟླ་དགུ་བའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་ང་གཉིས་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་སྟོང་གསུམ་བརྒྱད་བརྒྱ་གོ་བདུན་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་གཉིས་ཁྲི་གསུམ་སྟོང་དྲུག་དགུ་བརྒྱ་དང་བཅུ་དྲུག་ལ་བསླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དགུ་དང་ལྔ་བརྒྱ་རེ་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་བརྒྱད་དང་ཁྲི་དགུ་སྟོང་གཅིག་དང་སོ་བཞི་ལ་བསླེབ་ཡོད།

ལོ་ཙཱ་བ། རིན་ཆེན་མཚོ།