འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་དགུ་ཉིན་བསྒྲགས་པའི་གཞི་གྲངས་གསར་ཤོས་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་བཞི་ཁྲི་བརྒྱད་སྟོང་དྲུག་དགུ་བརྒྱ་དྲུག་ཅུར་སླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས་དགུ་ཉིན་གྱི་ཆུ་ཚོད་བཅོ་ལྔ་དང་སྐར་མ་སོ་དྲུག་བར། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ས་ཡ་གཉིས་དང་ཁྲི་གཅིག་སྟོང་བརྒྱད་བརྒྱ་དང་ཞེ་དགུ་ཡིས་ཇེ་མང་དུ་སོང་ཡོད་ཅིང་། ཁྱོན་བསྡོམས་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་བཞི་ཁྲི་བརྒྱད་སྟོང་དྲུག་དགུ་བརྒྱ་དྲུག་ཅུར་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྟོང་གསུམ་དང་བརྒྱད་བརྒྱ་སོ་བརྒྱད་ཀྱིས་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་བརྒྱད་དང་ཁྲི་དགུ་སྟོང་བཞི་དགུ་བརྒྱ་གྱ་གསུམ་ལ་སླེབས།
ལོ་ཙཱ་བ། བན་དེ་སྐྱབས།