འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་དང་ས་ཡ་གཅིག་འབུམ་བཞི་ཁྲི་གཉིས་སྟོང་ལྔ་ཉེར་དགུ་ལ་སླེབས་ཡོད།
2020.09.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན།   འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་དང་ས་ཡ་གཅིག་འབུམ་བཞི་ཁྲི་གཉིས་སྟོང་ལྔ་ཉེར་དགུ་ལ་སླེབས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན།  ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་གསུམ་ཉིན་གྱི་ཆུ་ཚོད་བཞི་དང་སྐར་མ་ཞེ་བདུན་བར།  འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་བཞི་སྟོང་དྲུག་བརྒྱ་དང་རེ་ལྔ་ཇེ་མང་དུ་སོང་ཡོད་པ་དང་།   བསྡོམས་པས་བྱེ་བ་གསུམ་དང་ས་ཡ་གཅིག་འབུམ་བཞི་ཁྲི་གཉིས་སྟོང་ལྔ་དང་ཉེར་དགུ་ལ་སླེབས་ཡོད།   རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བཞི་དང་ལྔ་བརྒྱ་ཉི་ཤུ་ཇེ་མང་དུ་སོང་བ་དང་།  བསྡོམས་པས་འབུམ་དགུ་དང་ཁྲི་དྲུག་སྟོང་བདུན་བརྒྱ་དང་རེ་བཞི་ལ་སླེབས་ཡོད།

                                                                                                           ལོ་ཙཱ་བ་ལྷ་མོ་ཚེ་རིང་།