འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་གཅིག་་ཁྲི་གཅིག་དྲུག་བརྒྱ་དང་ང་དྲུག་ལ་སླེབས།
2020.09.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་ལྔ་ཉིན་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན།   འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་གཅིག་ཁྲི་གཅིག་དྲུག་བརྒྱ་ང་དྲུག་ལ་སླེབས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན།  ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་དང་སྐར་མ་བཅུ་གསུམ་བར།  འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གསུམ་སྟོང་གསུམ་དང་ལྔ་ཇེ་མང་དུ་སོང་ཡོད་པ་དང་།   བསྡོམས་པས་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་གཅིག་ཁྲི་གཅིག་དྲུག་བརྒྱ་དང་ང་དྲུག་ལ་སླེབས་ཡོད།   རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དྲུག་དང་སུམ་བརྒྱ་བཅུ་དྲུག་ཇེ་མང་དུ་སོང་བ་དང་།  བསྡོམས་པས་འབུམ་དགུ་ཁྲི་བརྒྱད་དང་སོ་གཅིག་ལ་སླེབས་ཡོད།

ལོ་ཙཱ་བ། རིན་ཆེན་མཚོ།