འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་སུམ་ཅུ་ཉིན་བསྒྲགས་པའི་གནས་ཚུལ་ཆེས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་ལྔ་སྟོང་གཉིས་བཞི་བརྒྱ་དང་སུམ་ཅུ་ལ་སླེབས།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་གཞི་གྲངས་ཆེས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་ཉེར་བརྒྱད་བར་དུ། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་བྱུང་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་འབུམ་གཉིས་ཁྲི་བཞི་སྟོང་གཉིས་བརྒྱ་དང་གྱ་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་ལྔ་སྟོང་གཉིས་བཞི་བརྒྱ་དང་སུམ་ཅུ་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་སྟོང་བཞི་དང་ཉིས་བརྒྱ་བཞི་བཅུ་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་སྟོང་བཞི་བཞི་བརྒྱ་ཉེར་གཅིག་ལ་སླེབས།
ལོ་ཙཱ་བ། རིན་ཆེན་མཚོ།