འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་བརྒྱད་ཁྲི་བཞི་སྟོང་གཉིས་ཉིས་བརྒྱ་དང་གྱ་གཅིག་ལ་སླེབས།
2020.10.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་བཅུ་བའི་ཚེས་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ཆེས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་བརྒྱད་ཁྲི་བཞི་སྟོང་གཉིས་ཉིས་བརྒྱ་དང་གྱ་གཅིག་ལ་སླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་གཞི་གྲངས་ཆེས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཅུ་བདུན་དང་སྐར་མ་བཅོ་ལྔའི་བར་དུ། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་བྱུང་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་འབུམ་གཉིས་ཁྲི་བརྒྱད་སྟོང་ལྔ་བདུན་བརྒྱ་དང་རེ་བཞི་ལ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་བརྒྱད་ཁྲི་བཞི་དང་སྟོང་གཉིས་ཉིས་བརྒྱ་གྱ་གཅིག་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་སྟོང་ལྔ་དང་དྲུག་བརྒྱ་ཞེ་བདུན་ཇེ་མང་དུ་སོང་ནས། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ས་ཡ་གཅིག་དང་ཁྲི་གཅིག་དྲུག་བརྒྱ་སོ་བཞི་ལ་སླེབས།

ལོ་ཙཱ་བ། བཀྲ་ཤིས་འབུམ།