འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་བདུན་སྟོང་བཞི་བརྒྱ་དང་ང་གསུམ་ལ་བསླེབས། 
2020.10.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གསུམ་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་བདུན་སྟོང་བཞི་བརྒྱ་དང་ང་གསུམ་ལ་བསླེབས་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་དྲུག་གི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་དྲུག་སྟོང་དགུ་དགུ་བརྒྱ་དོན་ལྔ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་བདུན་སྟོང་བཞི་བརྒྱ་དང་ང་གསུམ་ལ་བསླེབ་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བཞི་དང་གྱ་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་ཁྲི་བདུན་སྟོང་དགུ་ཉེར་དགུར་བསླེབས་ཡོད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།