འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅོ་ལྔ་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་དང་ས་ཡ་བརྒྱད་འབུམ་གསུམ་ཁྲི་དགུ་སྟོང་བཞི་བརྒྱ་དང་རེ་དགུར་བསླེབས་ཡོད།
གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ང་གསུམ་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གསུམ་ཁྲི་གསུམ་སྟོང་དྲུག་ལྔ་བརྒྱ་བཅོ་ལྔ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གསུམ་དང་ས་ཡ་བརྒྱད་འབུམ་གསུམ་ཁྲི་དགུ་སྟོང་བཞི་བརྒྱ་དང་རེ་དགུར་བསླེབ་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་ཉིས་བརྒྱ་གོ་བདུན་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་ཁྲི་བརྒྱད་སྟོང་དགུ་ཞེ་བདུན་ལ་བསླེབས་ཡོད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།