འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་དགུ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གསུམ་དང་ས་ཡ་དགུ་འབུམ་དགུ་ཁྲི་བཞི་སྟོང་བཞི་བརྒྱད་བརྒྱ་གྱ་གཉིས་ལ་སླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དྲ་ཚིགས་སྟེང་བཀོད་པའི་གཞི་གྲངས་ཆེས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་དང་སྐར་མ་གཅིག་བར་དུ། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་འབུམ་གསུམ་དང་ཁྲི་གསུམ་སྟོང་བརྒྱད་རེ་དགུ་ཇེ་མང་དུ་སོང་བ་དང་། བསྡོམས་པས་བྱེ་བ་གསུམ་དང་ས་ཡ་དགུ་འབུམ་དགུ་ཁྲི་བཞི་སྟོང་བཞི་བརྒྱད་བརྒྱ་གྱ་གཉིས་ལ་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བཞི་དང་ལྔ་བརྒྱ་ང་དྲུག་ཇེ་མང་དུ་སོང་བ་དང་། བསྡོམས་པས་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཅིག་སྟོང་གཅིག་དགུ་བརྒྱ་གོ་བརྒྱད་ལ་སླེབས་ཡོད།
ལོ་ཙཱ་བ་ལྷ་མོ་ཚེ་རིང་།