འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་དྲུག་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བཞི་དང་ས་ཡ་གཉིས་འབུམ་དགུ་ཁྲི་དྲུག་སྟོང་དྲུག་སུམ་བརྒྱ་ཞེ་བཞིར་བསླེབས་ཡོད།
གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་དྲུག་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་བཞི་དང་ཁྲི་གསུམ་སྟོང་ལྔ་ལྔ་བརྒྱ་ཉེར་བརྒྱད་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་བཞི་དང་ས་ཡ་གཉིས་འབུམ་དགུ་ཁྲི་དྲུག་སྟོང་དྲུག་སུམ་བརྒྱ་ཞེ་བཞིར་བསླེབ་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་བརྒྱ་དོན་གཉིས་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་འབུམ་གཅིག་ཁྲི་ལྔ་སྟོང་གཉིས་དྲུག་བརྒྱ་བཞིར་བསླེབས་ཡོད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།