འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་བདུན་དང་འབུམ་བཞི་ཁྲི་དྲུག་སྟོང་གཅིག་དགུ་བརྒྱ་ཉེར་དྲུག་ལ་སླེབས་ཡོད།
2020.12.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གསུམ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན།         འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་བདུན་དང་འབུམ་བཞི་ཁྲི་དྲུག་སྟོང་གཅིག་དགུ་བརྒྱ་ཉེར་དྲུག་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་སུ་བཀོད་པའི་གཞི་གྲངས་གསར་པ་ལྟར་ན།  ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་ང་བརྒྱད་བར།  འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་འབུམ་དྲུག་དང་ཁྲི་བཞི་སྟོང་དགུ་བཞི་བརྒྱ་ཉེར་ལྔ་ཇེ་མང་དུ་སོང་ནས།  བསྡོམས་པས་ནད་པ་བྱེ་བ་བདུན་དང་འབུམ་བཞི་ཁྲི་དྲུག་སྟོང་གཅིག་དགུ་བརྒྱ་ཉེར་དྲུག་ལ་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིན་སྔོན་མ་ལས་ཁྲི་གཅིག་དང་བདུན་བརྒྱ་བཅོ་བརྒྱད་ཇེ་མང་དུ་སོང་ནས་བསྡོམས་པས་ས་ཡ་གཅིག་དང་འབུམ་ལྔ་ཁྲི་དགུ་སྟོང་དགུ་བདུན་བརྒྱ་དང་བཞི་ལ་སླེབས་ཡོད། 

                                                                                                                                 ལོ་ཙཱ་བ་ལྷ་མོ་ཚེ་རིང་།