འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་བཞི་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་བདུན་དང་ས་ཡ་གཅིག་ཁྲི་ལྔ་སྟོང་གཅིག་བརྒྱད་བརྒྱ་ལྔ་ལ་སླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་སུ་བཀོད་པའི་གཞི་གྲངས་གསར་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་ཉེར་གསུམ་བར། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཉིན་སྔོན་མ་ལས་འབུམ་ལྔ་དང་ཁྲི་བདུན་སྟོང་བཞི་དགུ་བརྒྱ་རེ་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་བྱེ་བ་བདུན་དང་ས་ཡ་གཅིག་ཁྲི་ལྔ་སྟོང་གཅིག་བརྒྱད་བརྒྱ་ལྔ་ལ་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཉིན་སྔོན་མ་ལས་སྟོང་བརྒྱད་དང་བདུན་བརྒྱ་ཉེར་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་འབུམ་དྲུག་སྟོང་བརྒྱད་དྲུག་བརྒྱ་ཞེ་བརྒྱད་ལ་སླེབས་ཡོད།
ལོ་ཙཱ་བ་ལྷ་མོ་ཚེ་རིང་།