རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅུ་གཉིས་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་། ཚང་མ་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ། ཧྲང་ཧེ་རུ་ནད་པ་གསུམ་དང་ཀོང་ཏུང་དུ་ནད་པ་གསུམ། ཡུན་ནན་དུ་ནད་པ་གཉིས། པེ་ཅིན་དུ་ནད་པ་གཅིག ཐེན་ཅིན་དུ་ནད་པ་གཅིག ཧྥུའུ་ཅན་དུ་ནད་པ་གཅིག ཧྲན་ཏུང་དུ་ནད་པ་གཅིག་བཅས་བྱུང་ཡོད། རང་ས་གནས་ཀྱི་ནད་པ་བཞི་ཡོད་ལ། ཧེ་ལུང་ཅང་དུ་ནད་པ་གཉིས་དང་སི་ཁྲོན་དུ་ནད་པ་གཅིག་བྱུང་།
ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་དགུ་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་མི་བདུན་བརྒྱ་དང་ཉེར་བརྒྱད་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་བསྡུར་ན་ནད་པ་གཅིག་གི་ཇེ་མང་ལ་སོང་།
ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་རེ་དྲུག་ཡོད་པ་དང་དེའི་ནང་དུ་ནད་པ་ལྗིད་མོ་ལྔ་ཡོད་ལ། བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་བཞི་དང་རེ་གཅིག་ཡོད་པ་དང་། དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་གསུམ་དང་བདུན་བརྒྱ་གོ་ལྔ་ལ་སླེབས་པ་དང་རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད།
ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་སྟོང་བརྒྱད་དང་ལྔ་བརྒྱ་དང་དགུ་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་སྟོང་བདུན་དང་བདུན་བརྒྱ་ཉེར་གཅིག་ཡོད་པ་དང་། ནད་པ་སྟོང་དྲུག་དང་སུམ་བརྒྱ་དང་ཞེ་ལྔ་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བརྒྱ་དང་ཉེར་གསུམ་རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཞེ་དྲུག་ཡོད་པ་དང་། ནད་པ་ཞེ་དྲུག་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་བདུན་བརྒྱ་དང་ཞེ་གཉིས་ཡོད་པ་དང་ནད་པ་དྲུག་བརྒྱ་དང་བཅུ་གཅིག་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བདུན་རྐྱེན་ལམ་དུ་ཤོར།
ལོ་ཙཱ་བ། བཀྲ་ཤིས་འབུམ།