འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བརྒྱད་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་ས་ཡ་ལྔ་འབུམ་བརྒྱད་སྟོང་ལྔ་དགུ་བརྒྱ་ང་གཅིག་ལ་བསླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་ང་བརྒྱད་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ནས་གསུམ་དང་ཁྲི་བདུན་སྟོང་དྲུག་ལྔ་བརྒྱ་རེ་དགུ་ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པ་དུང་ཕྱུར་གཅིག་དང་ས་ཡ་ལྔ་འབུམ་བརྒྱད་སྟོང་ལྔ་དགུ་བརྒྱ་ང་གཅིག་ལ་བསླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དགུ་དང་དྲུག་བརྒྱ་རེ་བཞི་ཇེ་མང་དུ་སོང་ནས། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ས་ཡ་གཉིས་དང་འབུམ་གསུམ་ཁྲི་གཅིག་སྟོང་གཉིས་ཉིས་བརྒྱ་དོན་བརྒྱད་ལ་བསླེབས་ཡོད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།