འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་ལྔ་འབུམ་བདུན་ཁྲི་བདུན་སྟོང་གཉིས་བཞི་བརྒྱ་སུམ་ཅུར་སླེབས་ཡོད།
2021.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 56

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གཉིས་ཉིན་ཁྱབ་བསྒྲགས་པའི་བྱས་པའི་གཞི་གྲངས་གསར་པ་ལྟར་ན།    འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་ལྔ་འབུམ་བདུན་ཁྲི་བདུན་སྟོང་གཉིས་བཞི་བརྒྱ་སུམ་ཅུར་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་པ་ལྟར་ན།  ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་ཞེ་དགུའི་བར།   འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་ལས་འབུམ་དྲུག་དང་སྟོང་བདུན་དྲུག་བརྒྱ་གྱ་གཅིག་ཇེ་མང་དུ་སོང་བ་དང་།  བསྡོམས་པས་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་ལྔ་འབུམ་བདུན་ཁྲི་བདུན་སྟོང་གཉིས་བཞི་བརྒྱ་སུམ་ཅུར་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་ཁྲི་གཅིག་དང་སྟོང་གཉིས་བཞི་བརྒྱ་ང་བདུན་ཇེ་མང་དུ་སོང་བ་དང་།  བསྡོམས་པས་ས་ཡ་གསུམ་དང་འབུམ་བཞི་ཁྲི་གསུམ་སྟོང་བདུན་ལྔ་བརྒྱ་ཞེ་ལྔར་སླེབས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།