འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་དྲུག་ཉིན་ཁྱབ་བསྒྲགས་པའི་བྱས་པའི་གཞི་གྲངས་གསར་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་བདུན་འབུམ་བཞི་ཁྲི་དགུ་སྟོང་གཉིས་བདུན་བརྒྱ་རེ་དགུར་སླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་ཞེ་བརྒྱད་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་ལས་འབུམ་བཞི་དང་ཁྲི་དྲུག་སྟོང་གཅིག་སུམ་བརྒྱ་ཞེ་བདུན་ཇེ་མང་དུ་སོང་བ་དང་། བསྡོམས་པས་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་བདུན་འབུམ་བཞི་ཁྲི་དགུ་སྟོང་གཉིས་བདུན་བརྒྱ་རེ་དགུར་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་ཁྲི་གཅིག་དང་དྲུག་བརྒྱ་ཉེར་བརྒྱད་ཇེ་མང་དུ་སོང་བ་དང་། བསྡོམས་པས་ས་ཡ་གསུམ་དང་འབུམ་བཞི་ཁྲི་བརྒྱད་སྟོང་གཉིས་དགུ་བརྒྱ་དང་བདུན་ལ་སླེབས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།