འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བདུན་ཉིན་ཁྱབ་བསྒྲགས་པའི་བྱས་པའི་གཞི་གྲངས་གསར་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་བརྒྱད་ཁྲི་བཞི་བརྒྱད་བརྒྱ་དོན་གཅིག་ལ་སླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་སོ་དགུའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་ལས་འབུམ་ལྔ་དང་ཁྲི་གསུམ་སྟོང་དགུ་སུམ་བརྒྱ་གྱ་བཞི་ཇེ་མང་དུ་སོང་བ་དང་། བསྡོམས་པས་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་བརྒྱད་ཁྲི་བཞི་བརྒྱད་བརྒྱ་དོན་གཅིག་ལ་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་ཁྲི་གཅིག་དང་སྟོང་གཅིག་དྲུག་བརྒྱ་གོ་གསུམ་ཇེ་མང་དུ་སོང་བ་དང་། བསྡོམས་པས་ས་ཡ་གསུམ་དང་འབུམ་བཞི་ཁྲི་དགུ་སྟོང་བཞི་བདུན་བརྒྱ་ང་བརྒྱད་ལ་སླེབས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།