འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཁྱབ་བསྒྲགས་པའི་བྱས་པའི་གཞི་གྲངས་གསར་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་བརྒྱད་འབུམ་ལྔ་ཁྲི་དགུ་སྟོང་དགུ་དང་ཞེ་ལྔ་ལ་སླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་གྱི་དུས་ཚོད་བཅུ་བདུན་དང་སྐར་མ་གསུམ་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་ལས་འབུམ་ལྔ་དང་ཁྲི་བཞི་སྟོང་ལྔ་བརྒྱ་དང་གཉིས་ཇེ་མང་དུ་སོང་བ་དང་། བསྡོམས་པས་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་བརྒྱད་འབུམ་ལྔ་ཁྲི་དགུ་སྟོང་དགུ་དང་ཞེ་ལྔ་ལ་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་ཁྲི་གཅིག་དང་སྟོང་གཉིས་བཞི་བརྒྱ་དང་དྲུག་ཇེ་མང་དུ་སོང་བ་དང་། བསྡོམས་པས་ས་ཡ་གསུམ་དང་འབུམ་ལྔ་སྟོང་བདུན་དང་བཞི་བརྒྱ་དོན་བདུན་ལ་སླེབས་ཡོད།
བཀྲ་ཤིས་འབུམ་གྱིས་བསྒྱུར།