འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་སུམ་ཅུ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་དགུ་འབུམ་ལྔ་ཁྲི་དགུ་སྟོང་བདུན་བཞི་བརྒྱ་དང་བཅོ་ལྔ་ལ་སླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་སུམ་ཅུ་ཉིན་གྱི་དུས་ཚོད་གཅིག་དང་སྐར་མ་སོ་དྲུག་སྟེང་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་བཞི་དང་ཁྲི་དྲུག་སྟོང་དགུ་དགུ་བརྒྱ་གོ་དྲུག་ཇེ་མང་དུ་སོང་བ་དང་། བསྡོམས་པས་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་དགུ་འབུམ་ལྔ་ཁྲི་དགུ་སྟོང་བདུན་བཞི་བརྒྱ་དང་བཅོ་ལྔ་ལ་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་གཅིག་དང་སྟོང་གཅིག་སུམ་བརྒྱ་བཅུ་གཅིག་ཇེ་མང་དུ་སོང་བ་དང་། བསྡོམས་པས་བྱེ་བ་གསུམ་དང་ས་ཡ་ལྔ་ཁྲི་གསུམ་ལྔ་བརྒྱ་གྱ་གཉིས་ལ་སླེབས་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།